
索達吉堪布
自2010年,堪布在國內外一百多所著名高校進行了174場主題演講。這些演講的內容豐富,涉及了佛教與人生的各個方面。是一套非常適合年輕讀者閱讀的入門讀物。
喜歡索達吉堪布的文字,像樂符一樣的文字不懂得。☹️
བྱམས་བརྩེའི་ལམ་སྟོན་ཞེས་པ་འདི་བཀླགས་རྗེས་ཀྱི་མྱོང་བ། སློབ་དེབ་འདི་ནི་མཁན་པོ་བསོད་ནམས་དར་རྒྱས་ལགས་ཀྱིས་སློབ་གྲྭ་ཁག་ལ་འཆད་ཁྲིད་གནང་བ་དེ་ཡིག་ཐོག་ཏུ་ཕབ་པ་ཞིག་རེད་འདུག གཙོ་བོ་སྡུག་བསྔལ་ལ་ཇི་ལྟར་གོདང་གཏུག་དང་། སེམས་གཙང་ན་ས་གཙང་། ཚན་རིག་ཇི་ལྟར་བདེ་སྐྱིད་ཀྱི་སྐས་རིམ་དུ་བགྲོད་ཐུབ་ཅེས་ཁག་གསུམ་ནས་གྲུབ་ཅིང་ཧ་ཅང་གི་གོ་བདེ་ལ་འབྲེལ་ཆགས་པའི་རྣམ་པ་ཞིག་ཡོད་པ་མ་ཟད་ད་ཐེངས་《བྱམས་བརྩེའི་ལམ་སྟོན》ཞེས་པ་འདི་བཀླགས་རྗེས་རང་ཉིད་ལ་ཚོར་བ་གཞན་དང་མི་འདྲ་བ་ཞིག་སྟེར་བྱུང་། དེའང་རང་ཉིད་ལ་ཆ་བཞག་ན་དུས་རྒྱུན་འཚོ་བའི་ཁྲོད་དཀའ་ངལ་འཕྲད་སྐབས་གདོང་ལེན་ལེགས་པོ་བྱེད་མི་ཐུབ། སྐབས་རེ་སྡུག་བསྔལ་ཡོད་ཚད་ཕ་རོལ་ནས་ཡོང་བར་སྙམ་གི་ཡོད། ཡིན་ཡང་འདི་བཀླགས་རྗེས་སྡུག་བསྔལ་ཡོང་ཁུངས་དེ་ཐོག་མར་འཁོར་བའི་རང་བཞིན་དང་སྐྱེ་བ་སྔ་མའི་འབྲས་བུ་ཡིན་ཕྱིར་རང་ཉིད་ལ་ཡང་ཡང་བརྟགས་ནས་རང་སྐྱོན་ལེགས་པར་ངོས་ཟིན་རྗེས་གཞན་ཕན་བསམ་བློ། བཟོད་པ་སྒོམ་བཞིན་བདེ་སྡུག་ལམ་དུ་འཁྱེར་ཐུབ་པ་ཞིག་བྱེད་དགོས་པ་ཤེས་སོང་། དེ་བཞིན་རང་ཉིད་ལ་མཚོན་ན་དཀའ་སྡུག་ལམ་དུ་འཁྱེར་ནས་ལས་སྒྲིབ་དག་སྟེ་ཤེས་རབ་ཀྱི་ཕྱུགས་པའི་འཚོ་བ་ཞིག་རོལ་ན་སྙམ་པའི་འདུན་པ་རླབས་ཆེན་པོ་ཡོད། འོན་ཀྱང་ང་རང་དམུས་ལོང་དམིགས་བུ་མེད་པར་ལམ་དུ་བཞུགས་པ་ལྟར་ཡིན་ཕྱིར། ཡང་དག་བཤེས་གཉེན་གྱི་ལམ་སྟོན་མེད་པས་འཚོ་བ་ཧ་ཅང་ཅང་ཅང་དང་འདྲ་ཆགས་ཆགས་ངང་འཚོ་སྐབས་སེམས་སུ་ཟེར་མི་ཤེས་པའི་བློ་ཕམ་ཞིག་ཡོང་གི་འདུག འོན་ཀྱང་། སྟེས་དབང་གིས་སློབ་དེབ་འདི་བཀླགས་པའི་བསྐལ་བ་འཕྲད་དེ་སླད་མ་འོངས་པར་འཚོ་བ་དེ་གང་འདྲ་བྱས་ནས་བསྐྱལ་ན་ཆེས་དོན་སྙིང་ལྡན་པ་ཞིག་དང་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་ཐབས་ལམ་གསལ་པོ་ཞིག་རྙེད་ཐུབ་སོང་། ངས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞེས་ལན་མང་ཞུའོ། །