
索达吉堪布
本书记录了堪布一年之中在俗世中修行的心路历程。其中有印藏大德的殊胜窍诀,也有堪布对世间生活的观察和感言,是一部难得的人生开示之作。
✨༢༠༢༦་/༦/༢༣ཉིན། 🍀ང་ཚོ་ཁེར་རྐྱང་གི་འགྲུལ་བཞུད་ཁྲོད་ནས་ནར་སོན་དགོས། ཁེར་རྐྱང་ནི་རང་གཅུན་གྱི་འདུ་ཤེས་ཡིན། ནར་སོན་པའི་གོ་རིམ་ཞིག་ཀྱང་ཡིན། ཁེར་རྐྱང་གི་དུས་སུ་ཁྱོད་ཀྱིས་རང་ཉིད་རྙེད་ཐུབ། འཚོ་བའི་དོན་སྙིང་དང་མཛེས་སྡུག་རྙེད་ཐུབ། དེ་བས། ཁྱོད་རང་ཁེར་རྐྱང་ལ་མ་སུན་རོགས། ཁེར་རྐྱང་གི་དུས་སུ་གླུ་གཞས་ལ་ཉོན། པར་ལོངས། བསམ་གཞིག་ཐོངས། དཔེ་ཆ་ཀློགས། ངལ་གསོ་ཡག་པོ་གསོས། ན་ན་སྨན་པར་བསྟེན། སྨན་བཟས། བྱ་བ་མང་པོ་ཞིག་ཕྱི་བཤོལ་ལ་མ་གཏོང་། ནད་ལ་བསྲན་མི་ཉན། འཚོ་བ་དང་སློབ་སྦྱོང་གི་དཀའ་ངལ་ལ་བསྲན་ཚུགས་པ་གྱིས། ཁྱོད་ཀྱིས་རང་ཉིད་ཀྱི་སེམས་ཁམས་དང་ལུས་པོ་ན་ཚོད་ལ་གཅེས་སྤྲས་ཡག་པོ་བྱ་དགོས། བདེ་ཞིང་ཐང་པའི་རང་ཉིད་བསྐྱེད་བསྲིང་བྱ་དགོས། མི་མང་པོ་ནད་ཀྱིས་མནར། བདེ་ཐང་བོར། བཙོན་དུ་ཚུད། ཕ་མ་ཚེ་ལས་འདས། ཁྱོ་གའམ་ཆུང་མས་བརྩེ་དུང་ལ་རྒྱབ་འགལ་བྱས་ཡོད་པ་ཁྱོད་ཀྱིས་མཐོང་ངམ། དེ་དག་ལ་སོམས་དང་། ང་ཚོ་ཚང་མ་བདེ་སྐྱིད་ལྡན་པའི་མི་ཁོ་ན་ཡིན། དུས་རབས་འདི་དང་གནས་བབས་འདི་ལྟ་བུ་ཞིག་གི་འོག་ནས། ང་རང་ལ་ཡང་བཤེས་གཉེན་བཟང་པོ་མཇལ་ཞིང་ཡང་དག་པའི་སློབ་གསོ་དང་འཕྲད་པ་ནི་བསོད་ནམས་ཆེན་པོ་རེད་བསམ། རང་གི་སྐད་ཡིག་ལ་མོས་ཤིང་། དེ་འབྲི་ཀློག་བྱེད་ཤེས་པ། མདོར་ན་ཆགས་སྡང་ཡོད་པའི་བོད་རིགས་བུ་མོ་ཞིག་ཡིན་པ་བསོད་ནམས་ཡིན་བསམ་གྱིས་ཡོད། ང་རང་དྭངས་གཙང་ལྷད་མེད་ཀྱི་རང་ཉིད་ལ་དགའ། ཁ་ཕྱོགས་དང་འདུན་ལམ་མ་བོར་བའི་རང་ཉིད་ལ་དགའ། ངའི་ཕུགས་བསམ་དང་འཚོ་བ་ཤིན་ཏུ་ཆུང་། ཤིན་ཏུ་ཡག དེ་ནི་བདེ་སྐྱིད་ལྡན་པའི་དོན་དག་ཁོ་ན་སེམས་ལ་ལེན་རྒྱུ་དེ་ཡིན། ཉི་འོད་འོག་ཏུ། ཆར་རླུང་ཁྲོད་དུ། རང་དབང་རེ་རེ་ཕར་ལ་སྐྱེལ་འདོད། སྔོན་ཆད་ང་ལ་བརྩེ་གདུང་ཡོད། འཕྲད་མ་ཐུབ་པའི་མཛའ་གྲོགས་དང་གཉེན་སྒྲིག་གི་ཆོ་གའང་རྨི་ལམ་དུ་འཁོར་མྱོང་། ཡིན་ནའང་། ད་ཆ་ང་རང་སུ་གང་ལའང་ལ་ཡིད་ཆད་མེད་ཅིང་རེ་སྨོན་དེ་བས་ཀྱང་མེད། རང་ལ་དབང་བའི་ད་ལྟའི་སློབ་ཆེན་འཚོ་བ་འདི་མཇུག་སྐྱོང་འདོད། དཔེ་ཆ་ཀློག སློབ་ལ་འབད། རང་གི་སྒྲུབ་འདོད་པའི་བྱ་བ་དག་རང་འདོད་པ་བཞིན་སྒྲུབ། ལྷོད་ལ་བབས་ཏེ་བསྡད་འདོད། 🍀