
索達吉堪布
現在,許多人常抱怨生活太苦,想盡各種方法尋求解脫之道。實際上,就算有人告訴了你苦的真相,以及改變逆境、離苦得樂的究竟智慧和方法,但你不相信,就是不去做,最後還是隻有在人生中高一腳、低一腳地跋涉,從一種苦陷到別一種苦中,對快樂只有望洋興嘆。
བསྒྲུབས་ན་འགྲུབ་ཅེས་པ་བཀླགས་པའི་མྱོང་བ། བསྒྲུབས་ན་འགྲུབ་ཅེས་པ་འདི་བཀླགས་རྗེས་སྔ་ཕྱི་བར་གསུམ་དུ་མྱོང་བ་མི་འདྲ་བ་ཞིག་སླེབས་ཏེ།ཐོག་མར་ད་ལྟའི་ཆོས་མིན་གྱི་འཚོ་བ་དེར་སྙིང་པོ་གང་ཞིག་ཡོད་མེད་བསམ་གཞིགས་ཤིག་བྱེད་དུས་སྐྱེ་རྒ་ན་འཆི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་སྐྱེ་ཆེན་དམ་པ་ཡིན་ཡང་རུང་མི་སྐྱ་ཕལ་བ་ཡིན་ཡང་ཆོག གང་ལྟར་དུས་ཚོད་ཀྱི་ཁྱད་པར་ཙམ་ལས་ཡོད་ཚད་འཇིག་རྟེན་འདི་ལས་ཁ་བྲལ་དགོས། དེས་ན་དུས་ཚོད་ཚང་མ་མཚན་སྙན་གྲགས་སོགས་ཀྱི་དོན་དུ་མེད་པ་གྱུར་ན་ཉིན་ཞིག་འཆི་ཐག་གི་བཞགས་པས་བཅིངས་ཙ་ན་རྒྱ་མཚོར་ནོར་བུ་ལེན་པར་ཕྱིན་ནས་ལག་སྟོང་ཁྱིམ་དུ་ལོག་པ་བཞིན་ཁབ་སྐུད་པ་ཙམ་ཡང་འཁྱེར་དབང་མེད་པར་བྲལ་དུས་མཚན་སྙན་དང་ནོར་རྒྱུས་ཅི་ཞིག་མཁོ། དེ་ལས་ལྡོག་སྟེ། དལ་འབྱོར་གྱི་མི་ལུས་བསླངས་པ་ཆུད་ཟོད་དུ་སོང་བ་མ་ཟད་མིག་མདུན་གྱི་ཁེ་ཕན་སྒྲུབ་བྱེད་ཕྲག་དོག་དང་ཧམ་སེམས་དང་ཞེ་སྡང་སོགས་ཀྱི་མི་བཞག་པར་དོན་ཆུང་ཕྲ་མོ་ཙམ་ལ་ཁྱོད་ཤི་ངར་གསོན་གྱི་རྣམ་པ་ཞིག་མངོན་དུས་མི་དགེ་བཅུའི་ལས་བརྩམས་པ་ལས་དགེ་བའི་ཞིང་ས་ས་བརྐོས་སུ་གྱུར་བ་ན། ཇི་སྐད་དུ། ས་བོན་ཉམས་པའི་ཞིང་ས་ལ་ལོ་འབྲས་གཡུར་དུ་ཐོབ་འདོད་ན།རི་མོའི་སྒྲོན་མེས་མུན་པའི་དཔུང་བཅོམ་སྟེ་སྣང་ཞིང་གསལ་བའི་བྱ་བ་བྱེད་པར་ཐལ་ཞེས་པ་ལྟར་ལས་ངན་བསགས་པའི་རྣམ་སྨིན་མྱོངས་དགོས་པས་སླར་ཡང་ངན་འགྲོ་གསུམ་དུ་སྐྱེ་རྐྱེན་ཆེ་ཞིང་ཐ་ན་བདེ་འགྲོ་གསུམ་སྐྱེ་བ་ལེན་ཡང་བདེ་བ་ནི་སྐད་ཅིག་ཙམ་ཡང་ཡོད་མི་སྲིད། གང་ཡིན་ཞེ་ན། འཁོར་བའི་རང་བཞིན་སྡུག་བསྔལ་གསུམ་ལས་གྲུབ་པས་ཡིན། དེ་ལྟར་ན་ཇི་སྲིད་སངས་རྒྱས་ཀྱི་མགོ་འཕང་མ་ཐོབ་བར་དེ་སྲིད་སྡུག་བསྔལ་ལ་མཚམས་འཇོག་མེད་པས་ངེས་པར་ད་རེས་ལུས་རྟེན་བཟང་པོ་འདི་ལ་བརྟེན་ནས་འཁོར་འདམ་ལས་ཐར་བ་བྱེད་དགོས་པའི་ངེས་ཤེས་ཐོག་མ་དེ་རྙེད། བར་དུ། སློབ་དེབ་འདི་བཀླག་བཞིན་བཀླག་བཞིན་ཡིད་ལྷང་ལྷང་དུ་སྐྱོ་འོང་། གང་ལགས་ཤེ་ན། ངས་མི་སྐྱེ་བ་ཉིད་ནས་མ་ཤི་བར་དུ་འཚོ་བ་བསྐྱལ་སྟངས་ལ་བསམ་བློ་ཞིག་བཏང་བ་ཡིན། དེ་ཡང་ཟླ་དགུ་ཞག་བཅུ་མ་ཡི་ཁོག་ཏུ་བསྡད། ངུ་སྐད་ཐོག་མའི་དབྱངས་སྒྲ་གྲགས་མ་ཐག་གཅེས་པའི་མཛུམ་གྱིས་ལོ་བདུན་ལོ་བརྒྱད་བར་དུ་འགྲོ་འདུག་སྡོད་གསུམ་བསླབ། དེ་ནས་རིམ་བཞིན་སློབ་གྲྭར་འགྲིམས། ལས་ཀར་བཞུགས། ཁང་པ་དང་མོ་ཏྲའི་ཆེད་བྲེལ་བྲེལ་འཚུབ་འཚུབ་གནང། དེ་ནས་ཁང་པ་ཀླུ་ཡི་ཕོ་བྲང་ལྟ་བུ་ཞིག་ཉོས་ནས་གཉེན་སྒྲིག་གི་ལམ་དུ་བཞུགས་ཏེ་རང་ཉིད་ཀྱི་བུ་ཕྲུག་གསོ་སྐྱོང་བྱེད་མགོ་བརྩམས། སླར་ཡང་བུ་དེའི་འཚོ་བའི་འགྲོ་སྟངས་བཟོས་ནས་གོང་གི་བརྒྱུད་དེ་དག་ཡང་བསྐྱར་རིམ་བཞིན་སྒྲུབ་མགོ་བརྩམས། དེ་ལྟར་བྱ་བ་ཡོད་ཚད་འཁོར་ལོ་འཁོར་བ་ལྟར་ཐོག་མཐའ་མེད་པར་ཡང་བསྐོར་བསྐྱར་བསྐོར་ངང་གྲུབ་བཞིན་པ་མཐོང་དུས་མི་ཚེའི་སྙིང་པོ་དེ་གང་ན་ཡོད་སྙམ། གལ་ཏེ་འཚོ་བ་དེ་ལུགས་མཐུན།ཡ་རབས་ཚུལ་ལྡན།བཏང་སྙོམས་དང་ལྡན་ན་ཚེ་འདིར་བདེ་སྐྱིད་ཡོད་ཀྱང་སྲིད། འོན་ཀྱང་། བྱིས་པ་སྐྱེས་མ་ཐག་པའི་དུས། ། བྱིས་པའི་རང་གཤིས་ལྷད་མེད་བཟང་། ། གཤིས་རྒྱུད་བཟང་པོ་ཁྱད་མེད་ཀྱང་། ། འཚར་ལོངས་བྱེད་བཞིན་གོམས་གཤིས་འགྱུར་ཞེས་པ་ལྟར་འཚར་ལོངས་ཀྱི་རྒྱུད་རིམ་ནང་འདོད་ཆགས། ཞེ་སྡང་། གཏི་མུག་སོགས་ཀྱི་དབང་གིས་སྡིག་པ་བསགས་པས་ལས་བྱས་པ་ཆུ་ཡིས་མི་ཟ་བས་ན་སླར་ཡང་དེའི་འབྲས་བུ་མྱངས་དགོས་ན་སྐྱེ་འཆི་གཉིས་ལ་རྫོགས་མཐའ་གང་། དེས་ན་ཇི་སྲིད་ཐར་པ་མ་ཐོབ་བར་དུ་དེ་སྲིད་སྐྱེ་འཆི་གཉིས་ལ་ཐོག་མཐའ་མེད། མཐའ་མར། རང་ཉིད་ལ་ངེས་ཤེས་འདི་འདྲ་ཞིག་རྙེད་དེ་འཁོར་བའི་ཡོད་ཚད་མི་རྟག་ཅིང་སྡུག་བསྔལ་གྱི་རང་བཞིན་ལགས་པས་ཐོག་མར་ལས་རྒྱུ་འབྲས་ལ་བསླུ་བ་མེད་པར་ཡིད་ཆེས་བརྟན་པོ་བཅངས། དེ་ནས་འཁོར་བ་ནས་ཐར་འདོད་ཀྱི་ངེས་འབྱུང་རྣལ་མ་ཞིག་སྐྱེས། དེ་ཡི་ཕྱིར་བཤེས་གཉེན་བསྟེན་པ་དང་བླ་མའི་རྣལ་འབྱོར། ཕྱག་འཚལ་བ། ཡིག་བརྒྱ། སྐྱབས་འགྲོ་སེམས་བསྐྱེད། མཎྡལ་སོགས་བསགས་ནས་ལས་ཉོན་སྒྲིབ་པ་དག་ཐབས་ལ་འབད་དགོས། དེ་ཡང་བྱང་ཆུབ་སེམས་པ་ས་ཡི་སྙིང་པོའི་མདོར་ཐུགས་བསྐྱེད་ཀྱི་སྨོན་ལམ་དུ་ཇི་སྲིད་དམྱལ་བ་དེ་མ་སྟོངས་བར་དེ་སྲིད་འཚང་བརྒྱ་བར་མི་བྱེད་ཅེས་གསུངས་པ་བཞིན་སངས་རྒྱས་དང་བྱང་ཆུབ་སེམས་པ་མང་པོ་ཞིག་གི་ཐུགས་བསྐྱེད་བྱམས་དང་སྙིང་རྗེའི་ཐུ་སྟོབས་དེ་དང་འདྲ་བར་བླ་ན་མེད་པ་ཤ་སྟག་ཡིན་པས་དེ་དག་ལ་དད་པ་རྣལ་མའི་སྒོ་ནས་གསོལ་བ་སྨོན་ལམ་དང་ཚོགས་བསགས་སྒྲིབ་སྦྱངས་བྱས་ན་འབྲས་བུ་ཁྱད་དུ་འཕགས་པ་ཞིག་ངེས་པར་དུ་རྙེད་ཐུབ་སྙམ།